🛠️སྔོན་འགྲོའི་དགོས་མཁོ་ཁག

ཁོན་ཝིན་ (Convene) ཚགས་ཚུད་པོར་བེད་སྤྱོད་བྱེད་པར། གཤམ་གྱི་སྔོན་འགྲོའི་དགོས་མཁོ་འགའ་ཞིག་ལ་བསམ་གཞིག་བྱེད་དགོས།

དྲ་རྒྱ་བརྟན་པོ་ཞིག་ལ་མཐུད། ཁོན་ཝིན་ནི་དྲ་ཐོག་གི་སྡིངས་ཆ་ཞིག་ཡིན་པས། ལས་དོན་དང་འབྲེལ་ལམ་སྙོམས་པོ་ཡོང་བར་ངེས་པར་དུ་དྲ་རྒྱ་བརྟན་པོ་ཞིག་ལ་མཐུད་དགོས།

བཤེར་ཆས་ངེས་ཅན་ཞིག་དགོས། ཁོན་ཝིན་ནི་དེང་རབས་ཀྱི་བཤེར་ཆས་དཔེར་ན། གུ་གལ་ཁེ་རོམ། མོ་ཛི་ལ་ཧྥ་ཡར་ཧྥོག་སི། ས་ཧྥ་རི། བྷེ་རེ་ཝེ། དང་མཱེག་རོ་སོཧྥྚ་ཨེཌ་ཇི་ལྟ་བུའི་སྟེང་ལས་ཀ་ཡག་ཤོས་བྱེད་ཐུབ། མཐུན་སྦྱོར་གྱི་དཀའ་ངལ་མི་ཡོང་བའི་ཆེད་དུ་ཁྱེད་ཀྱི་བཤེར་ཆས་དུས་ཐོག་ཏུ་གསར་སྣོན་བྱས་དགོས།

སྒྲིག་ཆས་ཀྱི་དགོས་མཁོ། ཁོན་ཝིན་ནི་གློག་ཀླད་རིགས་འདྲ་མིན་དང་དེང་དུས་ཁ་པར་བཅས་ནང་བཤེར་ཆས་ཡོད་པ་ཙམ་གྱི་བེད་སྤྱོད་གནང་ཐུབ། དམིགས་བསལ་གྱི་ཡོ་ཆས་དགོས་མཁོ་གང་ཡང་མེད། འོན་ཀྱང་ཅུང་དེང་རབས་ཀྱི་སྒྲིག་ཆས་ཤིག་བེད་སྤྱོད་བྱས་ན་སྤྱོད་མཁན་གྱི་ཉམས་མྱོང་ཡར་རྒྱས་གཏོང་ཐུབ།

ཐོ་འགོད་བྱེད་མི་དགོས་པ། ཁོན་ཝིན་བེད་སྤྱོད་བྱེད་མཁན་ཚོར་ཐོ་འགོད་བྱེད་པའམ། ཁ་པར་ཨང་གྲངས། ཡང་ན་གློག་འཕྲིན་ཁ་བྱང་མཁོ་སྤྲོད་བྱེད་དགོས་ཀྱི་མེད། དེས་རང་འགུལ་ངང་ཐོ་མིང་ངོ་རྟགས་དང་ QR མགྱོགས་པོ་ཡ་ལན་གྱི་ཚབ་རྟགས་བསྐྲུན་པས། སྒེར་གྱི་གནས་ཚུལ་བརྗེ་རེས་མ་བྱས་པར་ཁ་བརྡ་ཁང་ནང་འཛུལ་བ་དང་གསར་བཟོ་བྱེད་པར་སྟབས་བདེ་པོ་ཡོད།

ཆོག་མཆན། སྒྲ་དང་བརྙན་གྱི་ཁྱད་ཆོས་སྤྱོད་པའི་ཆེད་དུ། ཁྱེད་ཀྱི་བཤེར་ཆས་ལ་གློག་ཀླད་དང་ཁ་པར་གྱི་སྒྲ་འཇུག་དང་པར་ཆས་བེད་སྤྱོད་བྱེད་པའི་ཆོག་མཆན་སྤྲོད་དགོས།

གློག་ཀླད་ཀྱི་རྨང་གཞི་ལག་རྩལ། འཕྲུལ་རིག་ནུས་རྩལ་མཐོ་པོ་དགོས་མཁོ་མེད་ནའང་། བེད་སྤྱོད་གཏོང་མཁན་ཚོས་གཞི་རྩའི་གློག་ཀླད་དང་ལག་ཐོག་ཁ་པར་ནང་ཕར་འགྲོ་ཚུར་འོང་བྱེད་སྟངས་དང་། ཁོང་ཚོའི་བཤེར་ཆས་ཀྱི་སྒྲིག་བཀོད་བེད་སྤྱོད་བྱས་ནས་ཆོག་མཆན་དོ་དམ་བྱེད་པ་དང་རྒྱུན་གཏན་གྱི་དཀའ་ངལ་ཆུང་ངུ་རྣམས་སེལ་ཐབས་བྱེད་སྟངས་ཤེས་དགོས།

སྔོན་འགྲོའི་དགོས་མཁོ་འདི་དག་བསྐངས་པ་བརྒྱུད། བེད་སྤྱོད་གཏོང་མཁན་ཚོས་ཁོན་ཝིན་སྟེང་དུ་གསང་བའི་གྲོས་བསྡུར་ཆེད་སྒེར་གྱི་ཁ་བརྡ་ཁང་བཟོ་བ་ཡིན་ནའང་རུང་། ཡང་ན་མང་ཚོགས་ལ་སྒོ་ཕྱེ་བའི་བགྲོ་གླེང་ཆེད་ཚོགས་པའི་ཁ་བརྡ་ཁང་ཡང་བཟོ་ཐུབ། མ་ཟད་ཁྱོད་རང་ལ་འཇམ་ཐིང་ངེ་དང་བདེ་འཇགས་ལྡན་པའི་ཉམས་མྱོང་ཞིག་ངེས་པར་དུ་ཐོབ་ཐུབ།

Last updated