⛑️དཀའ་ངལ་སེལ་ཐབས།

སྤྱིར་བཏང་གི་དཀའ་ངལ་དང་སེལ་ཐབས།

དྲ་རྒྱའི་ཀྱི་གནད་དོན།

ཐོག་མར་དྲ་རྒྱ་འགྲོ་མིན་རྟགས་དཔྱད་བྱེད་དགོས། དེ་ནས་ཁྱེད་ཀྱི་སྒྲིག་ཆས་ཚང་མར་དྲ་རྒྱ་དང་མཐུད་ཡོད་མིན་བསྟོས་དགོས།

གཉིས་པར། ཁྱེད་ཀྱི་ཁ་པར་ནང་ནད་འབུ་འགོག་བྱེད་ཀྱི་མཉེན་ཆས་དང་ VPN བཀོལ་སྤྱོད་བྱེད་མིན་བལྟོས། གལ་ཏེ་ཡོད་ཚེ། གནས་སྐབས་རིང་དེ་དག་བཀག་ནས་བསྐྱར་དུ་འགྲོ་མིན་ཚོད་ལྟ་བྱེད་དགོས།

ཁ་བརྡ་ཁང་དུ་འཛུལ་མི་ཐུབ་པའི་དཀའ་ངལ་སེལ་ཐབས།

དྲ་ཚིག་ཆ་ཚང་ལེན་ཡོད་མེད་དང་ཁ་བརྡ་ཁང་གི་དུས་ཚོད་རྫོགས་ཡོད་མེད་བལྟོས་། བྱུང་ན་ཁ་བརྡ་ཁང་བཟོ་མཁན་ལ་འབྲེལ་བ་བྱེད་དགོས། ཁྱེད་རང་གིས་བཤེར་ཆས་དཔེར་ན་ Chrome, Firefox, Safari, or Brave བཅས་གང་རུང་བཀོལ་སྤྱོད་བྱེད་དགོས་ལ། བཤེར་ཆས་དེ་དག་ཀྱང་གསར་སྣོན་ཅན་བེད་སྤྱོད་གནང་དགོས། ཁྱེད་ཀྱི་དྲ་རྒྱའི་བཤེར་ཆས་ནང་གི་ Cache རྣམས་བསུབ་ནས་བསྐྱར་དུ་མཉམ་ཞུགས་བྱེད་པར་འབད་བརྩོན་བྱོས།

​​སྒྲ་དང་བརྙན་གྱི་གནད་དོན།

ཁྱེད་ཀྱི་བཤེར་ཆས་ལ་སྒྲ་འཇུག་དང་པར་ཆས་ལ་འཛུལ་ཆོག་པའི་ཆོག་མཆན་སྤྲོད་དགོས།

ཁྱེད་ཀྱི་སྒྲིག་ཆས་ཀྱི་སྒྲ་འཇུག་དང་པར་ཆས་སྒྲིག་བཀོད་ཡང་དག་ཡོད་མེད་ལྟོས།

གོང་གི་གདན་དོན་ཚང་མ་འགྲིག་ནའང་དཀའ་ངལ་བྱུང་གི་ཡོད་ཚེ། ཁྱེད་ཀྱི་སྒྲིག་ཆས་བསྐྱར་དུ་འགོ་འཛུགས།

རོགས་རམ་གྱི་འབྲེལ་གཏུགས་བྱ་ཡུལ།

གལ་ཏེ་དཀའ་ངལ་དེ་མུ་མཐུད་དུ་གནས་ཚེ། རོགས་རམ་ཆེད་དུ་གློག་འཕྲིན་བརྒྱུད་ནས་ Convene Support ལ་འབྲེལ་བ་གནང་རོགས།

Last updated